News

We wish Your Holiness a very Happy 82nd Birthday.

On this particular Thursday, July 6, 2017, we, at Tashi Lhunpo Monastery pay homage to His Holiness the Fourteenth Dalai Lama. We wish Your Holiness a very Happy 82nd Birthday.  May Your Holiness remains with us for eons and graces us with your love, guidance and wisdom.

༅། །ལྷར་བཅས་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་ལྷ་དགུང་བརྒྱད་བཅུ་གྱ་གཉིས་ ༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་བླ་འདུས་མང་ཡོངས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཞོགས་པ་ཆུ་ཚོད་ ༦ པའི་ཐོག་རྒྱལ་བའི་གཟིམ་ཆུང་ནས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་གདན་ཞུས་ཀྱི་གཙུག་ལག་ཁང་ཆེན་པོའི་བཞུགས་ཁྲི་རིན་པོ་ཆེར་བཞུགས་སོ་གསོལ་རྗེས་འདུས་མང་ནས་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་ཐུགས་བཞེད་མཐའ་དག་ལྷུན་གྱི་གྲུབ་པ་དང་། གསང་གསུམ་མཛད་ཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་ཕྱིར་དུ། ཞབས་རིམ་གནས་བརྟན་ཕྱག་མཆོད་དང་རྒྱལ་བའི་ཞབས་བརྟན་གསོལ་འདེབས། ལྷ་སྲུང་ཁག་གི་འཕྲིན་བསྐུལ་བཅས་གནད་སྨིན་ཞུ་རྒྱུའི་སྐལ་བཟང་བྱུང་བ་བཅས་ལགས་སོ། །

 

Join Newsletter

By subscribing to our mailing list you will always be update with the latest news from.

Don't worry, we hate spam!

Find us on Facebook